>
您所在的位置:首页 > 模拟试题 > 硕士研究生模拟试题 > 正文

1999年藏医药专业硕士研究生入学考试试题(藏医临床卷)

策划:善智 编辑:吉太加 日期:2015-06-08 14:15:46 人气:162 加入收藏 评论:0 

རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་གཞི།

༡༩༩༩ལོའི་ཞིབ་འཇུག་སློབ་མ་བསྡུ་བའི་བོད་ལུགས་གསོ་རིག་གི་ནད་ཐོག་སྐོར་གྱི་རྒྱུགས་ཤོག །

དང་པོ། སྟོང་ཆ་ཁ་སྐོང་བྱེད་རྒྱུ།

༡ རླུང་ནད་ལ་ཐོག་མར་སློབ་དགོས་དོན་གང་ཡིན་ཞེ་ན། རླུང་ནད་ནི(  ཀུན(  པའི་རྒྱུ་(  བྱེད་པ་རྩམ་མ་ཟད་དེས་(  ཀུན་གྱི་(  པ་དང་(  སྡུད་པ་ནད་(  དང་། (  བཡེད་པ་བཅས་ཀྱི་ཁར་ད་དུང་རང་རྒྱུད་(  ཅིང་(  མང་ལ་ངོ་བོ་(  བཅས་ཀྱིས་ཡིན།

༢ སྨུག་པོའི་ནད་དེ་དུས་གསུམ་དུ་དབྱེ་བའི་རྒྱུ་མཚན་ནི། དང་པོ་སྨུག་པོ་ཉིད་    སྐྱེས་པ་དེ་ལས་(  གཉིས་འཕེལ་བས་(  ཏེ་ཚ་བའི་དུས་ཡིན་པ་དང་། བར་དུ་(  གཉིས་(  ལ་(  )(  གཉིས་(  དབང་གིས་དེ་དག་ཕན་ཚུན་(  སྙོམས་ཏེ་(  འཐབ་པའི་དུས་ཡིན་པ་དང་། ཐ་མ་(  ཚ་བའི་སྟོབས་(  ནས་(  གཉིས་ཀྱི་སྟོབས་རྒྱས་པས་(  དུས་སུ་འགྱུར་བ་བཅས་ཡིན།

༣ མདོར་ན་སྐྲན་ནད་ཀྱི་གནས་ཕྱི་ནང་བར་གསུམ་དུ་ཡོད་པ་ནས་ཕྱི་སྐྲན་ནི(  ཀྱི་(  དང་། (  ཀྱི་བར་དུ་གནས་པ་དང་། བར་སྐྲན་ནི་(  ཀྱི་(  དང་། (  གྱི་(  སུ་གནས་པ་དང་། ནང་སྐྲན་ནི་(  ཀུན་གྱི་(  ན་གནས་པ་བཅས་ཡིན།

༤ ཆུ་ཡི་མཁར་བརྒྱད་ཅེས་པ་ནི་(  དང་། (  དང་(  དང་    དང་    དང་    དང་    དང་    བཅས་ཡིན།

༥ གྲུམ་བུའི་ནད་ཀྱི་དབྱེ་བའི་རྣམ་གྲངས་ནི་    ཏྲེམ་དང་    ཏྲེམ་    ཏྲེམ་    ཏྲེམ་ཏྲེམ་    ཏྲེམ་    བཅས་དྲུག་ཡིན།

གཉིས་པ། དྲི་བར་ལན་འདེབས་དགོས།

༡ རིགས་ཀྱི་ཚ་བ་སོ་སོར་ཁྱད་པར་གྱི་ནད་རྟགས་གང་དང་ཅི་ཡོད།

༢ མ་སྨིན་པའི་ཚ་བའི་ནད་གྱུར་གྱི་ངོ་བོ་དེ་ཅི་ལྟར་ཡིན་ནམ།

༣ རི་ཐང་མཚམས་ཀྱི་འཕྲང་གི་རྣམ་གྲངས་དང་། སོ་སོའི་གསོ་ཚུལ་གྱི་རྩ་དོན་བཅས་ཅི་ལྟར་ཡིན་ནམ།

༤ རྨ་སྤྱིའི་བཅོས་ཐབས་ཀྱི་རྩ་དོན་གདམ་ངག་དེ་ཅི་ལྟར་ཡིན་ནམ།

༥ ཡན་ལག་གི་རྩ་དཀར་ནད་ལ་རྟགས་གང་དང་ཅི་ཡོད་དམ།

༦ ཆུ་སེར་ལྤགས་གྲམ་པའི་ཁྱད་པར་གྱི་ནད་རྟགས་གང་དང་ཅི་ཡོད་དམ།

གསུམ་པ།  འགྲིག་མིན་བརྡར་ཤ་གཅོད་རྒྱུ།

གཤམ་གྱི་དྲིས་ལན་ཁག་ལ་དབྱེ་ཞིབ་བྱས་རྗེས་གུག་རྟགས་སོ་སོའི་ནང་འགྲིག་ནོར་གྱི་རྟགས་×འདི་གཉིས་སོ་སོར་འགོས་དགོས

༡ རླུང་ནད་རིགས་ཀྱི་དབྱེ་བའི་ངོ་བོ་ནི།

༼༡༽རང་རྒྱུད་གནོད་བྱ་ལ་ཞུགས་པ་དེ་ཡིན།(  

༼༢༽གཞན་རྒྱུད་ལོག་པའི་ལམ་དུ་ཞུགས་པ་དེ་ཡིན།(  

༢ བད་ཀན་ལྕགས་དྲེག་གི་ནད་རྟགས་གཙོ་བོ་ནི།

༼༡༽ཕོ་བ་ཐམས་ཅད་ཧྲེམ་མེར་ན་བ་དང་། འགག་སྒྲེག་རྒྱག་པ་ཤ་སྐམ་པ་བེ་སྣབས་དང་ཁ་ཟས་ཟོས་ཚད་སྐྱུག་པ་སོགས་ཡིན། (  

༼༢༽ཕོ་བ་སྟོང་ངེར་ན་བ་དང་། འདྲིལ་རྣམ་བྱེད་པ་མནན་ན་འདྲིལ་བ་མེད་པ་ཁ་ཟས་འཇུ་དཀའ་བ་ཟས་ཟོས་དུས་ན་ཞིང་ལྟོགས་ན་བདེ་ཟ་འཕྲུག་བྱེད་པ་དང་། པགས་མདོག་སྔོ་ནག་ཆགས་པ། སྐྲ་དང་སྨིན་མ་བྱི་བ། ཤེད་ཤུགས་ཉམས་པ། ཤ་སྐམ་པ། སེན་མོར་ནག་ཐིག་ཆགས་པ་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི་(  ནད་ཡིན་པར་ངོས་འཛིན་བྱེད་རྒྱུ་ཡིན།

༢ ལྕེ་སྟེང་དུ་བད་ཀན་མཐུག་པོས་གཡོགས་པ་དང་། ལྕེ་དང་མཆུ་འགྲམ་པའམ་ལྷག་པར་རྐན་ཕུག་ཏུ་ཐོར་པ་ཁ་དོག་དང་། གཟུགས་དབྱིབས་མི་འདྲ་བ་སྣ་ཚོགས་དོན་པ། སྐད་དང་གྲེ་བ་འགགས་ནས་ཟས་སྐོམ་མི་ཐར་བ་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི་(  ནད་ཡིན་པ་ངོས་འཛིན་བྱེད་རྒྱུ་ཡིན།

༣ མགོ་དང་ཚིགས་བཞི་ན་བ་དང་། ཕྲུམ་སེར་ཁྱེར་བ། རྒྱུ་མ་ན་ཞིང་འཁྲུ་བ། འཁྲུ་བའི་བོངས་ཆུང་ཞིང་། འཁྲུ་དུས་ཟུག་གཟེར་ཆེ་བ། དམར་སེར་ཟ་ཁུ་ཅན་ནམ་སྨུག་པོ་བེ་སྣབས་ཅན་འཁྲུ་བ་བཅས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན། དེ་ཉིད་(  ནད་དུ་ངོས་བཟུང་རྒྱུ་ཡིན།

༤ མགོ་ཡུ་འཁོར་བ་དང་། སྟོད་གཟེར་བ། དབུགས་ཀྱི་རྔམ་པ་ཐུང་ལ་ཆེ་བ། མིག་རྩ་རྒོད་ཅིང་ཁ་ལྕེ་སྐམ་ལ་རྩུབ་པ། སྐབས་འགར་བྲང་ཁར་ཕུར་པ་བཙུགས་པ་ལྟར་གཟེར་བ་དང་། མིག་ཀྱང་འབུར་ཚུགས་སུ་བལྟ་ཞིང་། ཞེ་འཁུན་བྱེད་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི་ནད་ཡིན་པར་ངོས་འཛིན་བྱེད་རྒྱུ་ཡིན།

༥ མཆིན་ཁམས་སུ་ན་ཟུག་གི་ཚོར་བ་གསལ་བོ་མེད་རུང་ཟས་མི་འདོད་པ་དང་། གཉིད་ཡེར་བ། ཁོང་སྙོམ་པ། ལུས་ཁམས་ལྕི་བ། ཟུངས་ཁྲག་ཉམས་པ། ཤ་རིམ་བཞིན་སྐམས་འགྲོ་བ་བཅས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི་(  ནད་ཡིན་པར་ངོས་འཛིན་བྱེད་རྒྱུ་ཡིན།

༦ ལུས་ཁམས་ཀྱི་སྨད་གྲང་ཞིང་། རྐེད་པ་འཁོར་མོར་ན་བ་དང་། རྐང་པ་བཤལ་བ། དཔྱི་དང་རྐེད་པར་ཟུག་གཟེར་གཏོང་བ། དྲི་ཆུ་སྲི་བ། བཅུད་རླུགས་པ་བཤུལ་ཤ་ཁྲིད་ནས་ན་བ་བཅས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི་(  ནད་ཡིན་པར་ངོས་འཛིན་རྒྱུ་ཡིན།

༧ ཟས་སྐོམ་དཀར་མངར་རིགས་བསྟེན་པའམ་ལུས་ཁམས་འཁྱགས་པའི་རྗེས་ཁོང་ནང་དུ་གཟེར་ཟུག་ལངས་ནས་དྲུ་བུར་འདྲིལ་བའམ་ཚ་བའི་འབུགས་སྙམ་བྱེད་པ་དང་། ནད་ལྡང་དུབ་ཆ་ཞིང་ལངས་དུས་བཟོད་གླགས་མེད་པའི་ན་ཟུག་གཏོང་བ་བཅས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི་(  ནད་ཡིན་པར་ངོས་འཛིན་རྒྱུ་ཡིན།

དྲུག་པ། དཔྱད་རྩོམ་འབྲི་རྒྱུ།

ཉེས་གསུམ་གསོ་བ་ཞེས་པ་དེ་ནི་ནད་ཐོག་རིག་ཚན་ནང་གི་རྨང་གཞི་དང་སྤྱི་ཁོག་ཏུ་གྱུར་པའི་རིག་ཚན་ཞིག་ཡིན་པའི་སྐོར་གླེང་བ། ཞེས་ཁ་བྱང་དུ་བྱས་པའི་རྩོམ་ཐུང་ཚིག་ཁྱིམ་སུམ་བརྒྱ་ལས་མི་ཉུང་ཞིང་བརྗོད་བྱ་གསལ་ལ་རྗོད་བྱེད་དག་པ་ཞིག་འབྲི་དགོས།

上一篇:没有资料
关闭