>
您所在的位置:首页 > 模拟试题 > 医师资格证模拟真题 > 正文

2014年藏医医师资格证考试真题1

策划:善智 编辑:zmc 日期:2015-06-08 9:52:30 人气:376 加入收藏 评论:0 

 

1

༡  རླུང་ནད་གནས་ཀྱི་དབྱེ་བ་དེ་མདོར་བསྡུས་ན་རྣམ་གྲངས་ཅི་ཙམ་ལ་བསྡུ་བ་ཡིན་ནམ།

མགོ་རླུང་སོགས་ལྔ་རུ་འདུས།

ཁ   སྙིང་རླུང་སོགས་བདུན་དུ་འདུས།

ག   མཆིན་རླུང་སོགས་བརྒྱད་དུ་འདུས།

ང  ཕོ་རླུང་སོགས་དྲུག་དུ་འདུས།

ཅ  ལོང་རླུང་སོགས་དགུ་རུ་འདུས།

༢  རླུང་ནད་རིགས་ཀྱི་དབྱེ་བའི་ངོ་བོ་དེ་གང་ཞིག་ཡིན་ནམ།

ཀ  རང་རྒྱུད་གནོད་བྱ་ལ་ཞུགས་པ་དེ་ཡིན།

ཁ  གཞན་རྒྱུད་ལོག་པའི་ལམ་ལ་ཞུགས་པ་དེ་ཡིན།

ག  འཇུག་སྒོ་དྲུག་ལ་ཞུགས་པ་དེ་ཡིན།

ང  གནོད་བྱ་བཅུ་ལ་ཞུགས་པ་དེ་ཡིན།

ཅ  དབང་པོ་ལྔ་ལ་ཞུགས་པ་དེ་ཡིན།

༣  རླུང་ནད་ད་རྒན་ནང་གུག་གི་ནད་རྟགས་རྣམས་ཀྱི་ནང་ནས་གཙོ་བོའི་ནད་རྟགས་ནི།

ཀ  ཕྱིར་དགྱེ་བ་དེ་ཡིན།

ཁ  ལྦུ་བ་སྐྱུགས་པ་དེ་ཡིན།

ག  གཉའ་བ་བསྟུངས་བ་དེ་ཡིན།

ང  ལྟག་པ་དགྱེ་བ་དེ་ཡིན།

ཅ  རོ་སྟོད་འབུར་བ་དེ་ཡིན།

༤ བརྗེད་བྱེད་དམ་བརྒྱལ་གཟེར་གྱི་ནད་གྱུར་ངོ་བོ་ནི།

ཀ  ཀླད་པར་ཕོག་ཐུག་བྱུང་བ་དེ་ཡིན།

ཁ  རྩ་དཀར་ནད་གྱུར་བྱུང་བ་དེ་ཡིན།

ག  སྙིང་ཁམས་ལ་ནད་གྱུར་བྱུང་བ་དེ་ཡིན།

ང  སྲོག་རྩ་ནག་པོར་ནད་གྱུར་བྱུང་བ་དེ་ཡིན།

ཅ  སེམས་ཁམས་ལ་ཕོག་ཐུག་བྱུང་བ་དེ་ཡིན།

༦ སྟོད་འཚངས་རླུང་ཤས་ཆེ་བར་སྤྱོད་པའི་མེ་དམིགས་གཙོ་བོ་ནི།

ཀ  མཐིལ་བཞི་ཡིན།

ཁ  ཚིགས་པ་ལྔ་པ་ཡིན།

ག  སྤྱི་གཙུག་ཡིན།

ང  མཚོགས་གསང་ཡིན།

ཅ  གོང་གསལ་དེ་བཞི་ཀ་མ་ཡིན།

༧  མཁྲིས་ནད་རིགས་ཀྱི་དབྱེ་བ་བཞི་པོའི་ནང་ནས་གཞན་དབང་ཅན་དེ་གང་ཞིག་ཡིན་ནམ།

ཀ  ནད་གཞི་མཁྲིས་པ་དེ་ཡིན།

ཁ  ཐུན་མོང་མཁྲིས་པ་དེ་ཡིན།

ག  མེ་དྲོད་མཁྲིས་པ་དེ་ཡིན།

ང  མཁྲིས་པ་ཤ་སེར་དེ་ཡིན།

ཅ  མཁྲིས་པ་མིག་སེར་དེ་ཡིན།

༨  བད་ཀན་ནད་ལ་དབྱེ་བའི་རྣམ་གྲངས་ཇི་ཙམ་ཡོད་དམ་ཞེ་ན།

ཀ  དྲུག་ཅུ་རྩ་གསུམ་ཡོད།

ཁ  བཞི་བཅུ་རྩ་གསུམ་ཡོད།

ག  བཞི་བཅུ་རྩ་བདུན་ཡོད།

ང  ཉི་ཤུ་རྩ་བདུན་ཡོད།

ཅ  སུམ་ཅུ་རྩ་གསུམ་ཡོད།

༩  འདུས་ནད་རྣམས་ཀྱི་ནང་ནས་བད་ཀན་སྨུག་པོའི་ནད་འདི་ཉིད་འདུས་ནད་གང་ཞིག་ཡིན་ནམ།

ཀ  རང་བཞིན་རྒྱུ་ཡི་སྒོ་ནས་འདུས་པ་དེ་ཡིན།

ཁ  བྱུང་ཚུལ་དུས་ཀྱི་སྒོ་ནས་འདུས་པ་དེ་ཡིན།

ག  འདུ་བ་འཁྲུགས་པའི་སྒོ་ནས་འདུས་པ་དེ་ཡིན།

ང  མཚོན་བྱེད་ཁ་དོག་གི་སྒོ་ནས་འདུས་པ་དེ་ཡིན།

ཅ  རྟེན་དང་བརྟེན་པའི་སྒོ་ནས་འདུས་པ་དེ་ཡིན།

༡༠  སྨུག་པོའི་ནད་རྐྱེན་གྱི་ནང་ནས་སྨུག་ནོ་ཡས་བབས་ཞེས་པ་དེ་ཇི་ལྟར་ཡིན་ནམ་ཞེ་ན།

ཀ  གྲང་བ་ནས་ཚ་བའི་སྟོབས་སུ་གྱུར་པ་ཡིན།

ཁ  ཚ་བ་ནས་གྲང་བའི་སྟོབས་སུ་གྱུར་པ་ཡིན།

ག  ལྡན་པ་ནས་འདུས་པའི་སྟོབས་སུ་གྱུར་པ་ཡིན།

ང  རྐྱང་པ་ནས་ལྡན་པའི་སྟོབས་སུ་གྱུར་པ་ཡིན།

ཅ  ལུས་ཟུངས་ནས་དྲི་མའི་སྟོབས་སུ་གྱུར་པ་ཡིན།

༡༡  གཤམ་གསལ་དྲིས་ལནས་ཁག་ལས་སྨུག་པོའི་རང་གནས་བཞིའི་ཁོངས་སུ་མ་གཏོགས་པ་དེ་གང་ཞིག་ཡིན་ནམ།

ཀ  ཕོ་བ་ཡིན།

ཁ  ལོང་ག་ཡིན།

ག  མཆེར་བ་ཡིན།

ང  མཆིན་པ་ཡིན།

ཅ  རྒྱུ་མ་ཡིན།

༡༢  བད་ཀན་མགུལ་འགགས་ཀྱི་ནད་འགྱུར་འབྱུང་ཡུལ་གཙོ་བོ་དེ་ནི།

ཀ  གློ་བ་དང་ཕོ་བ་གཉིས་ཡིན།

ཁ  མཆིན་པ་དང་མཁྲིས་པ་གཉིས་ཡིན།

ག  གློ་ཡུ་དང་མིད་པ་གཉིས་ཡིན།

ང  མཁལ་མ་དང་ལྒང་པ་གཉིས་ཡིན།

ཅ  ཁྲག་རྩ་དང་རླུང་རྩ་གཉིས་ཡིན།

༡༣  གཤམ་གསལ་དྲིས་ལན་ཁག་ལས་ངན་ཁྲག་འཕེལ་བའི་རྒྱུ་རྐྱེན་མ་ཡིན་པ་དེ་ནི།

ཀ  ས་མཐོར་ཡུན་རིང་བསྡད་པ་དེ་ཡིན།

ཁ  ས་བབ་མི་འཕྲོད་པ་དེ་ཡིན།

ག  དལ་བར་འདུག་དྲགས་པ་དེ་ཡིན།

ང  ཆང་རག་འཐུང་དྲགས་པ་དེ་ཡིན།

ཅ  ཟས་སྤྱོད་མི་འཚམས་པ་དེ་ཡིན།

༡༤  གཤམ་གསལ་དྲིས་ལན་ཁག་ལས་ཟུངས་ཁྲག་ཟད་པའི་ནད་རྟགས་མ་ཡིན་པ་དེ་ནི།

ཀ  བཞིན་མདངས་སེར་ཞིང་མགོ་ཡུ་འཁོར་བ་དེ་ཡིན།

ཁ  མི་ལྕིབས་དང་སོ་རྙིལ་སྐྱ་བ་དེ་ཡིན།

ག  པགས་ཤ་རྩུབ་པོ་ཆགས་པ་དེ་ཡིན།

ང  མིག་ལྕིབས་དང་རྐང་བོལ་གཡོ་བ་དེ་ཡིན།

ཅ  ལུས་སྟོབས་བཟང་ཞིང་མདངས་བཀྲ་བ་དེ་ཡིན།

༡༥  མ་ཞུ་བའི་ནད་ཀྱི་རྒྱུ་གཙོ་བོ་དེ་གང་ཡིན་ཞེ་ན།

ཀ  ལྕི་བསིལ་ཅན་གྱི་བད་ཀན་དེ་ཡིན།

ཁ  གྲང་རླུང་ཅན་གྱི་མི་དེ་ཡིན།

ག  མ་གོམས་པའི་ཟས་སྐོམ་དེ་ཡིན།

ང  མི་འཕྲོད་པའི་ཟས་རིགས་དེ་ཡིན།

ཅ  ངོ་བོ་མི་འཇུ་བའི་རིགས་དེ་ཡིན།

༡༦  དྭངས་མ་མ་ཞུ་བ་དེ་རྙིངས་པར་གྱུར་ན་ནད་གཞི་གང་ཞིག་སྐྱེད་ཀྱི་ཡོད་དམ།

ཀ  འདྲིས་བའི་ནད་རྣམས་སྐྱེད་པ་ཡིན།

ཁ  ཟགས་པའི་ནད་རྣམས་སྐྱེད་པ་ཡིན།

ག  འགྲིངས་པའི་ནད་རྣམས་སྐྱེད་པ་ཡིན།

ང  བྱེར་བའི་ནད་རྣམས་སྐྱེད་པ་ཡིན།

ཅ  རྒྱས་པའི་ནད་རྣམས་སྐྱེད་པ་ཡིན།

༡༧  མ་ཞུའི་རིགས་ཀྱི་དབྱེ་བ་བཞི་པོའི་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ  ཤིང་འདྲ་བ་དེ་ཡིན།

ཁ  དུག་འདྲ་བ་དེ་ཡིན།

ག  བསུད་འདྲ་བ་དེ་ཡིན།

ང  གྱོང་པོ་དེ་ཡིན།

ཅ  བེ་སྣབས་དེ་ཡིན།

༡༨  གཤམ་གསལ་དྲིས་ལན་ཁག་གི་ནང་ནས་སྐྲན་གྱི་རྒྱུ་གཙོ་བོ་མ་ཡིན་པ་དེ་ནི།

ཀ  རྐྱང་པའི་རླུང་དེ་ཡིན།

ཁ  མ་ཞུ་བ་དེ་ཡིན།

ག  བད་ཀན་དེ་ཡིན།

ང  ཁྲག་ངན་དེ་ཡིན།

ཅ  མཁྲིས་པ་དེ་ཡིན།

༡༩  མ་ཞུ་བའི་རྒྱུས་བསྐྱེད་པའི་འབྲས་བུ་གཅོང་ནད་རྙིང་པའི་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ  སྐྲན་ཡིན།

ཁ  སྐྱ་རྦབ་ཡིན།

ག  དམུ་ཆུ་ཡིན།

ང  འོར་ཡིན།

ཅ  ལྕགས་དྲེག་ཡིན།

༢༠  སྐྲན་ནད་ཀྱི་དབྱེ་བའི་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ  ཟས་སྐྲན་དེ་ཡིན།

ཁ  འབྲས་ནད་དེ་ཡིན།

ག  སྷེན་སྐྲན་དེ་ཡིན།

ང  རྡོ་སྐྲན་དེ་ཡིན།

ཅ  ལྷིང་སྐྲན་དེ་ཡིན།

༢༡  རྡོའམ་རྡེའུ་སྐྲན་འབྱུང་སའི་གནས་གཙོ་བོ་མ་ཡིན་པ་དེ་ནི།

ཀ  སྣོད་མཁྲིས་ཡིན།

ཁ  མཁལ་མ་ཡིན།

ག  ལྒང་པ་ཡིན།

ང  གཅིན་ལམ་ཡིན།

ཅ  མཆེར་པ་ཡིན།

༢༢  དམུ་ཆུ་ཐོག་མར་འཇུག་དུས་ཀྱི་ནད་རྟགས་ཁོངས་སུ་མ་གཏོགས་པ་དེ་གང་ཡིན་ནམ།

ཀ  འཇུ་སྟོབས་ཆུང་བ་དེ་ཡིན།

ཁ  ལྕེ་མདོག་དམར་བ་དེ་ཡིན།

ག  མཆུ་དཀར་བ་དེ་ཡིན།

ང  སོ་རྙིལ་སྐྱ་བ་དེ་ཡིན།

ཅ  ཕོ་བ་ལྕི་བ་དེ་ཡིན།

༢༣  ཆུ་ཡི་མཁར་བརྒྱད་ཀྱི་ཁོངས་སུ་མ་གཏོགས་པ་དེ་གང་དང་ཅི་ཡིན་ནམ།

ཀ  བོལ་གོང་དང་ངར་གདོང་ཡིན།

ཁ  ཆུ་སོ་དང་བཅུ་དྲུག་མདོ་ཡིན།

ག  རྩིབ་ལོག་དང་སྟ་ཟུར་ཡིན།

ང  བྲང་ཞོལ་དང་ཕོ་བའི་སྟེང་ཡིན།

ཅ  ཁ་གདོང་དང་མི་ལྕིབས་ཡིན།

༢༤  གཤམ་གསལ་དྲིས་ལན་ཁག་ལས་ཚ་ཆུའི་སྨན་སྦྱོར་མ་ཡིན་པ་དེ་ནི།

ཀ  གུར་གུམ་ཆུ་འབེབས་ཡིན།

ཁ  སེ་འབྲུ་ཀུན་བདེ་ཡིན།

ག  འབོལ་སྨན་བདུན་པ་ཡིན།

ང  གླང་ཆེན་གངྒ་ཆུ་བསྒྱུར་ཡིན།

ཅ  འུ་སྐྱུར་ཐང་ཡིན།

༢༥  དམུ་ཆུའི་རྒྱུ་མཚོ་གནས་སུ་སྐེམ་པར་བྱེད་པའི་སྨན་སྦྱོར་གྱི་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ  ཐོད་སྦྱོར་དེ་ཡིན།

ཁ  ཐལ་སྦྱོར་དེ་ཡིན།

ག  བི་ཥའི་སྦྱོར་བ་དེ་ཡིན།

ང  རུས་སྦྱོར་དེ་ཡིན།

ཅ  རྡོ་སྦྱོར་དེ་ཡིན།

༢༦  གཤམ་གསལ་དྲིས་ལན་ཁག་ལས་གློ་ནད་ཀྱི་དབྱེ་བའི་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ ཐང་པོ་དང་སྐྱ་རྦབ་ཡིན།

ཁ  ཆུ་ཤོར་དང་ཐེས་པོ་ཡིན།

ག  གློ་རྒྱས་དང་གློ་གཅོང་ཡིན།

ང  ཁྲག་གཟེར་དང་རླུང་གཟེར་ཡིན།

ཅ  བུང་ཚང་དང་ཚ་བ་ཡིན།

༢༧  དབུགས་ཀྱི་རྟེན་དུ་གྱུར་པའི་གློ་བ་ནི།

ཀ  རླུང་གི་ཡུལ་ཡིན།

ཁ  མཁྲིས་པའི་ཡུལ་ཡིན།

ག  བད་ཀན་གྱི་ཡུལ་ཡིན།

ང  ཁྲག་གི་ཡུལ་ཡིན།

ཅ  ཁྲག་རླུང་གི་ཡུལ་ཡིན།

༢༨  དབུག་མི་བདེ་ནང་ལ་ཉེས་པ་གང་ཞིག་གཙོ་བོར་བཟུང་ནས་བཅོས་དགོས་སམ།

ཀ  བད་རླུང་གཙོ་བོར་བཟུང་དགོས།

ཁ  གཉན་ཚད་གཙོ་བོར་བཟུང་དགོས།

ག  ཁྲག་རླུང་གཙོ་བོར་བཟུང་དགོས།

ང  མཁྲིས་རླུང་གཙོ་བོར་བཟུང་དགོས།

ཅ  རླུང་ནད་གཙོ་བོར་བཟུང་དགོས།

༢༩  གཅིན་སྙི་ཟ་ཁུའི་ནད་ཀྱི་ནད་གྱུར་ངོ་བོ་ནི།

ཀ  ཁྲག་མཁྲིས་ཚ་བའི་ནད་ཡིན།

ཁ  བད་ཀན་ཚིལ་འཕེལ་གྱི་ནད་ཡིན།

ག  མཆིན་པའི་ནུས་པ་ཉམས་པའི་ནད་ཡིན།

ང  མཁལ་མའི་མེ་དྲོད་ཉམས་པའི་ནད་ཡིན།

ཅ  མདངས་སྒྱུར་མཁྲིས་པའི་ནད་ཡིན།

༣༠  གྲུམ་བུའི་ནད་རིགས་ཁག་ལས་ཤ་གྲུམ་གྱི་ནད་གྱུར་ངོ་བོ་ནི།

ཀ  བད་མཁྲིས་ཤས་ཆེ་བ་དེ་ཡིན།

ཁ  རླུང་ཤས་ཆེ་བ་དེ་ཡིན།

ག  ཁྲག་ཤས་ཆེ་བ་དེ་ཡིན།

ང  བད་རླུང་ཤས་ཆེ་བ་དེ་ཡིན།

ཅ  ཁྲག་མཁྲིས་ཤས་ཆེ་བ་དེ་ཡིན

༣༡  ཚད་པའི་ནད་རིགས་རྣམས་འགོག་བཅོས་བྱེད་རྒྱུ་གལ་ཆེར་གདམས་དགོས་དོན་གང་ཡིན་ཞེ་ན།

ཀ  ནདར་ཆེ་སྣ་མང་རྒྱས་སླ་མྱུར་བས་སོ།

ཁ  ནད་ཀུན་སྣ་འདྲེན་མཇུག་སྡུད་པས་སོ།

ག  བཅོས་སླ་ཞིང་རྒྱས་པ་བུལ་བས་སོ།

ང  སྲིན་དང་ཆུ་སེར་ལས་ཤས་ཆེར་འབྱུང་བས་སོ།

ཅ  ངོ་བོ་ལྕི་བསུལ་རྟུལ་བའི་དབང་གིས་སོ།

༣༢  མཁྲིས་པའི་མཚན་ཉིད་འཕེལ་བའམ་ལྷག་པའི་རྟགས་སུ།

ཀ  གདོང་སྣུམ་པར་གྱུར།

ཁ  དྲི་མནམ་པར་གྱུར།

ག  དྲོད་ཆེ་བར་གྱུར།

ང  རྣག་སོགས་མྱུར་དུ་སྨིན་ནོ།

ཅ  ལུད་པ་སླ་བར་གྱུར།

༣༣  ཚད་ནད་རིགས་ཀྱི་དབྱེ་བའི་ནང་ནས་ཉེས་པ་གང་གི་ཚ་བ་ཡིན་མིན་དབྱེ་འབྱེད་བྱེད་རྒྱུ་དེ།

ཀ  ན་སོའི་རིམ་པས་ཤེས་ཐུབ།

ཁ  ན་བའི་ཡུན་གྱིས་ཤེས་ཐུབ།

ག  འཇུག་སྒོའི་ཡུལ་ལས་ཤེས་ཐུབ།

ང  བསྡོངས་ཟླའི་གྲོགས་ལས་ཤེས་ཐུབ།

ཅ  ཕན་གནོད་གོམས་པས་ཤེས་ཐུབ།

༣༤  མ་སྨིན་ཚ་བའི་ནད་ཀྱི་རྒྱུ་ནི།

ཀ  ཆུ་སེར་རྐྱང་བ་ཡིན།

ཁ  ཁྲག་མཁྲིས་གཉིས་ཡིན།

ག  རླུང་མཁྲིས་གཉིས་ཡིན།

ང  བད་རླུང་གཉིས་ཡིན།

ཅ  བད་ཁྲག་གཉིས་ཡིན།

༣༥  མ་སྨིན་པའི་ཚ་བའི་ནད་དེ་སྨིན་པར་གྱུར་པའི་ཁྱད་པར་གྱི་རྟགས་དེ་གང་ཡིན་ནམ།

ཀ  མགོ་བོ་ན་བ་དེ་ཡིན།

ཁ  དྲོ་སར་སྙེག་པ་དེ་ཡིན།

ག  གཉིད་ཡེར་བ་དེ་ཡིན།

ང  གྲང་ཤུམ་བྱེད་པ་དེ་ཡིན།

ཅ  ལུས་ལ་ཟ་འཕྲུག་འབྱུང་བ་དེ་ཡིན།

༣༦  རླུང་གི་ཚ་བའི་བཅོས་ཚུལ་གྱི་རྩ་དོན་དེ་ཇི་ལྟར་ཡིན་ནམ།

ཀ  སྦྱང་སྐེམ་ཚུལ་དུ་བཅོས་པ་དེ་ཡིན།

ཁ  ཤེད་དམད་ཚུལ་དུ་བཅོས་པ་དེ་ཡིན།

ག  མགོ་སྤུར་ཚུལ་དུ་བཅོས་པ་དེ་ཡིན།

ང  ཟགས་བཅད་ཚུལ་དུ་བཅོས་པ་དེ་ཡིན།

ཅ  འབྲོས་འདེད་ཚུལ་དུ་བཅོད་པ་དེ་ཡིན།

༣༧  སྙིང་ལ་ཚ་བ་གབ་དགོས་དོན་གང་ཡིན་ནམ།

ཀ  བད་རླུང་གཉིས་ཀྱི་གནས་ཡིན་པས་སོ།

ཁ  མཁྲིས་པ་སྒྲུབ་བྱེད་ཀྱི་གནས་ཡིན་པས་སོ།

ག  སྲོག་རྩའི་རྩ་བ་ཡིན་པས་སོ།

ང  ཚེ་སྲོག་སེམས་ཀྱི་རྟེན་ཡིན་པས་སོ།

ཅ  ཚ་བའི་གནས་ས་གཙོ་བོ་དེ་ཡིན་པས་སོ

༣༨  གཤམ་གསལ་དྲིས་ལན་ཁག་ལས་སྟོངས་ཚད་ནད་ཀྱི་དབྱེ་བའི་ཁོངས་སུ་མ་གཏོགས་པ་དེ་གང་ཡིན་ནམ།

ཀ  ཚ་སྟོངས་ཡིན།

ཁ  རིམས་སྟོངས་ཡིན།

ག  རླུང་སྟོངས་ཡིན།

ང  རྩ་སྟོངས་ཡིན།

ཅ  སྲིན་སྟོངས་ཡིན།

༣༩  གཤམ་གསལ་དྲིས་ལན་ཁག་ལས་ཆམ་རིམས་ཀྱི་དབྱེ་བའི་ཁོངས་སུ་མ་གཏོགས་པ་དེ་གང་ཡིན་ནམ།

ཀ  གྲེ་ཆམ་ཡིན།

ཁ  གློ་ཆམ་ཡིན།

ག  རིམས་ཆམ་ཡིན།

ང  མགུལ་ཆམ་ཡིན

ཅ  སྣ་ཆམ་ཡིན།

༤༠  རྙོགས་ཚད་ནད་ཀྱི་བཅོས་ཐབས་ཀྱི་རྩ་དོན་ནི།

ཀ  ཆུ་སེར་རང་སར་སྐེམ་དགོས།

ཁ  ཕོ་བའི་མེ་དྲོད་གསོ་དགོས།

ག  ཐོར་བུའི་རླུང་སྣ་གནོན་དགོས།

ང  སྦྱོར་བ་འཇམ་པོས་བཅོམ་དགོས།

ཅ  ནད་ཀྱི་དགྲ་དཔུང་བཅོམ་དགོས།

༤༡  ཚ་བ་ཁྲག་རྩར་འགྲམས་པའི་སྤྱི་རྟགས་ཀྱི་ཁོངས་སུ་མ་འདུ་བ་དེ་གང་ཡིན་ནམ།

ཀ  རྩ་རྒྱུད་སྐྲངས་པ་དེ་ཡིན།

ཁ  སྐྲངས་མདོག་དམར་བ་དེ་ཡིན།

ག  ཚ་འཁྱུག་མེད་པ་དེ་ཡིན།

ང  བརྐྱང་བསྐུམ་དཀའ་བ་དེ་ཡིན།

ཅ  རུས་རྐང་ན་བ་དེ་ཡིན།

༤༢  སིབ་བེའི་ནད་འདི་སྤྱིར་ན་ཚོད་ཀྱི་དབང་དུ་བྱས་ན།

ཀ  གཞོན་ནུར་འབྱུང་མང་བ་ཡིན།

ཁ  བུད་མེད་ལ་འབྱུང་མང་བ་ཡིན།

ག  བྱིས་པར་འབྱུང་མང་བ་ཡིན།

ང  དར་མར་འབྱུང་མང་བ་ཡིན།

ཅ  རྒན་པོར་འབྱུང་མང་བ་ཡིན།

༤༣  ཚ་བ་མ་སྨིན་རྒྱས་སྟོངས་སོགས་ལ་གནས་སྐབས་ཀྱི་ཚ་བ་ཞེས་བརྗོད་དགོས་དོན་ནི།

ཀ  ནད་སྟོབས་ཀྱི་དབང་དུ་བྱས་པ་ཡིན།

ཁ  རྒྱུ་ལམ་གྱི་དབང་དུ་བྱས་པ་ཡིན།

ག  བརྒྱུད་རིམ་གྱི་དབང་དུ་བྱས་པ་ཡིན།

ང  འཇུག་ཚུལ་གྱི་དབང་དུ་བྱས་པ་ཡིན།

ཅ  བཅོས་སྐྱེད་ཀྱི་དབང་དུ་བྱས་པ་ཡིན།

༤༤  ཚ་བ་སྨིན་སྡུད་འབྱེད་གསུམ་བྱེད་པའི་ཐང་སྦྱོར་དེ་གང་ཞིག་ཡིན་ནམ།

ཀ   སླེ་ཏྲེས་ཆིག་ཐང་ཡིན།

ཁ  སྲོ་ལོ་ཆིག་ཐང་ཡིན།

ག  སྐྱུ་རུ་སུམ་ཐང་ཡིན།

ང  མ་ནུ་བཞི་ཐང་ཡིན།

ཅ  དེ་བ་ལྔ་ཐང་ཡིན།

༤༥  བལ་ནད་ཐོག་མར་བབས་སའི་གནས་དེ་གང་ཡིན་ནམ།

ཀ  རུས་པ་ཡིན།

ཁ  སྐྱི་དང་བ་སྤུ་ཡིན།

ག  ལྤགས་པ་ཡིན།

ང  དོན་ལྔ་ཡིན།

ཅ  རྩ་རྒྱུས་ཡིན།

༤༦  གཉན་རིམས་མགོ་བོར་བབས་པའི་ནད་དེ་ནི།

ཀ  གཟེར་ཐུང་ཡིན།

ཁ  ལྷོག་པ་ཡིན།

ག  གཉན་གླང་ཡིན།

ང  ཀླད་གཟེར་ཡིན།

ཅ  བལ་ནད་ཡིན།

༤༧  གག་པའི་ནད་ཀྱི་དབྱེ་བའི་ནང་ནས་ཕོ་གག་གི་ཁྱད་པར་ནད་རྟགས་དེ་གང་ཡིན་ནམ།

ཀ  རལ་གྲི་སྣ་མ་འདྲ་བ་དེ་ཡིན།

ཁ  རུས་སྦལ་གྱི་རྒྱབ་འདྲ་བ་དེ་ཡིན།

ག  སྐར་ཆེན་ཤར་བ་འདྲ་བ་དེ་ཡིན།

ང  ཁྲོ་བོའི་མིག་འདྲ་བ་དེ་ཡིན།

ཅ  རྒྱ་ཕོར་ཁ་སྦུབ་འདྲ་བ་དེ་ཡིན།

༤༨  གཉན་རིམས་རྒྱུ་གཟེར་གྱི་ནད་སེལ་བའི་ཐང་སྦྱོར་གཙོ་བོ་དེ་ནི།

ཀ  མ་ནུ་བཞི་ཐང་ཡིན།

ཁ  ཨིན་དྲ་བཞི་ཐང་ཡིན།

ག  ཏིག་ཏ་བཞི་ཐང་ཡིན།

ང  ཤིང་མངར་བཞི་ཐང་ཡིན།

ཅ  སེང་ལྡང་བཞི་ཐང་ཡིན།

༤༩  གྲུམ་གསར་ནད་དང་ཉིན་བཞི་པ་ཡི་རིམས་ནད་བར་གྱི་འབྲེལ་བ་དེ་ནི།

ཀ  རྟེན་དང་བརྟེན་པའི་འབྲེལ་བ་ཡིན།

ཁ  རྒྱུ་དང་འབྲས་བུའི་འབྲེལ་བ་ཡིན།

ག  ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲེལ་བ་ཡིན།

ང  ངོ་བོ་བདག་གཅིག་གི་འབྲེལ་བ་ཡིན།

ཅ  དེ་བཞི་ཀ་མ་ཡིན།

༥༠  མིག་ནད་འབྱུང་བའི་རྐྱེན་རྣམས་ཀྱི་ནང་ནས་འཕྲལ་གློ་བུར་བའི་རྐྱེན་ནི།

ཀ  ཁ་བའི་ཁྲོད་འགྲོ་བ་དེ་ཡིན།

ཁ  རླུང་བསེར་ཕོག་པ་དེ་ཡིན།

ག  དུ་བ་ཕོག་པ་དེ་ཡིན།

ང  མེས་འཚིག་པ་དེ་ཡིན།

ཅ  མཚོན་ཆའི་རིགས་ཕོག་པ་དེ་ཡིན

༥༡  གཤམ་གསལ་དྲིས་ལན་ཁག་ལས་མིག་ནད་ཀྱི་རྩ་བའི་དབྱེ་བ་ལྔའི་ཁོངས་སུ་མ་གཏོགས་པ་དེ་གང་ཡིན་ནམ།

ཀ  མིག་ནད་ལིང་ཐོག་ཡིན།

ཁ  མིག་ནད་རབ་རིབ་ཡིན།

ག  མིག་ནད་ནང་གྲིབ་ཡིན།

ང   མིག་ཆུའི་ནད་ཡིན།

ཅ  ཡིག་ཚག་ནད་ཡིན།

༥༢  སྣ་ཁྲག་ཐོན་སྐབས་འོལ་ཁ་བསྒྱུར་དགོས་དོན་གང་ཡིན་ནམ།

ཀ  ཁྲག་མི་ཤོར་བའི་ཆེད་དུ་ཡིན།

ཁ  ཁྲག་ཤུགས་བྲི་བའི་ཆེད་དུ་ཡིན།

ག  ཁྲག་ལམ་སྒྱུར་བའི་ཆེད་དུ་ཡིན།

ང  ཁྲག་རླངས་ཐོན་པའི་ཆེད་དུ་ཡིན།

ཅ  ཁྲག་རོ་འདོན་པའི་ཆེད་དུ་ཡིན།

༥༣  མགོ་དང་ནམ་ཚོང་ཡན་ཆད་ཀྱི་ནད་ལ་སྣ་སྨན་བསྔགས་པའི་རྒྱུ་མཚན་ནི།

ཀ  སྣ་ཉིད་ལུས་སྟོད་ཀྱི་ཁོངས་ཡིན་པས་སོ།

ཁ  སྣ་ཉིད་ཀླད་པའི་སྒོ་ཡིན་པས་སོ།

ག  སྣ་ཉིད་དབུགས་ལམ་གྱི་ཁ་ཡིན་པས་སོ།

ང  སྣ་ཉིད་དབང་པོ་ལྔའི་ཁོངས་ཡིན་པས་སོ།

ཅ  སྣ་དང་ཀླད་པ་འབྲེལ་བས་སོ།

༥༤  བྱིས་པའི་ནད་ལ་གཏར་ག་གདབ་པའི་ཐབས་དེ་ནི།

ཀ  སྒང་གཤགས་སུ་གཏར་བ་དེ་ཡིན།

ཁ  སྨྱུག་ཁར་གཏར་བ་དེ་ཡིན།

ག  ཉིས་ལེན་དུ་གཏར་བ་དེ་ཡིན།

ང  རྩ་ཁ་ཕྱེ་ཙམ་དུ་གཏར་བ་དེ་ཡིན།

ཅ  གང་བདེར་གཏར་བ་དེ་ཡིན།

༥༥  མོ་ནད་རླུང་ཚབས་དང་ཁྲག་ཚབས་བར་གྱི་ཁྱད་པར་གཙོ་བོ་དེ་ནི།

ཀ  ནད་སྟོབས་ཆེ་ཆུང་གི་ཁྱད་པར་ཡིན།

ཁ  ན་ཚོད་དང་གསར་རྙིང་གི་ཁྱད་པར་ཡིན།

ག  ནད་གཞི་ལྕི་ཡང་གི་ཁྱད་པར་ཡིནལ།

ང  ནད་གཞིའི་རྒྱུ་རྐྱེན་གྱི་ཁྱད་པར་ཡིན།

ཅ  སྤྱི་བྱེ་བྲག་གི་ཁྱད་པར་ཡིན།

༥༦  རླུང་ནད་རྩ་འཛིན་ནད་ཀྱི་ངོ་བོ་དེ་ནི།

ཀ  ཕོ་བའི་རྩ་ལ་རླུང་ཞུགས་པ་དེ་ཡིན།

ཁ  སྤྱི་བོའི་རྩ་ལ་རླུང་ཞུགས་པ་དེ་ཡིན།

ག  མཁལ་མའི་རྩ་ལ་རླུང་ཞུགས་པ་དེ་ཡིན།

ང  རུས་པའི་རྩ་ལ་རླུང་ཞུགས་པ་དེ་ཡིན།

ཅ  གློ་བའི་རྩ་ལ་རླུང་ཞུགས་པ་དེ་ཡིན།

༥༧  བསམ་སེའུ་དང་བུ་སྣོད་བར་གྱི་འབྲེལ་བ་ནི།

ཀ  རྒྱུ་དང་འབྲས་བུའི་འབྲེལ་བ་ཡིན།

ཁ  ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲེལ་བ་ཡིན།

ག  རྩ་བ་དང་ཡན་ལག་གི་འབྲེལ་བ།

ང  དོན་དང་སྣོད་ཀྱི་འབྲེལ་བ་ཡིན།

ཅ  དེ་དག་གཞི་ཀའི་འབྲེལ་བ་མ་ཡིན།

༥༨  མཁྲིས་སྲིན་མགོ་ནད་ཀྱགི་རིགས་ལ་སྤྱོད་པའི་སྨན་སྦྱོར་དེ་ནི།

ཀ  ཀོ་ལ་བཅུ་གཅིག་ཡིན།

ཁ  བྱང་པ་བཅུ་གཅིག་ཡིན།

ག  གསེར་མདོག་བཅུ་གཅིག་ཡིན།

ང  བདུད་རྩི་བཅུ་གཅིག་ཡིན།

ཅ  སྲོག་འཛིན་བཅུ་གཅིག་ཡིན

༥༩  ཕོ་ལོང་རྒྱུ་གཅོང་གི་ནད་རིགས་སྤྱི་ལ་སྤྱོད་པའི་སྨན་སྦྱོར་དེ་ནི།

ཀ  རུ་རྟ་བཅོ་ལྔ་ཡིན།

ཁ  སྤང་རྒྱན་བཅོ་ལྔ་ཡིན།

ག  ཨ་བ་བཅོ་ལྔ་ཡིན།

ང  ཨ་གར་བཅོ་ལྔ་ཡིན།

ཅ  དྭགས་སྨན་བཅོ་ལྔ་ཡིན།

༦༠  ཚད་ནད་གསར་རྙིང་མ་ལུས་པ་ཀུན་སེལ་བར་བྱེད་པའི་སྨན་སྦྱོར་དེ་ནི།

ཀ  ག་བུར་ཉེར་ལྔ་ཡིན།

ཁ  མཁྲིས་ཕྱེ་ཉེར་ལྔ་ཡིན།

ག  ཅུ་གང་ཉེར་ལྔ་ཡིན།

ང  ཏིག་ཏ་ཉེར་ལྔ་ཡིན།

ཅ  ཐང་ཆེན་ཉེར་ལྔ་ཡིན།

༦༡  ཡན་ལག་གི་རྨ་གསོ་བའི་སྐབས་ཀྱི་གཉེན་པོའི་བཅོས་དགུ་པོའི་ནང་ནས་རྩ་གནད་ཀྱི་རྨས་སྐྱོན་རྣམས་ནི།

ཀ  དུགས་ལུམས་བྱུག་གསུམ་གྱིས་བཅོས་དགོས།

ཁ  མེ་གཏར་སྨན་གསུམ་གྱིས་བཅོས་དགོས།

ག  འཇིབ་ཞུན་ནན་གསུམ་གྱིས་བཅོས་དགོས།

ང  དེབ་ཆིངས་སྒྱོགས་གསུམ་གྱིས་བཅོས་དགོས།

ཅ  གོང་གསལ་དེ་བཞི་གས་བཅོས་དགོས།

༦༢  བལ་ནད་ཐ་མའི་ཞག་གསུམ་གྱི་བཅོས་ཚུལ་དེ་ཇི་ལྟར་ཡིན་ནམ།

ཀ  དྭངས་སྙིགས་དབྱེ་བའི་དུས་ཀྱི་བཅོས་ཚུལ་དེ་ཡིན།

ཁ  ཆུ་ལྟར་སྐེམ་པའི་དུས་ཀྱི་བཅོས་ཚུལ་དེ་ཡིན།

ག  དགྲ་ལྟར་བསད་པའི་དུས་ཀྱི་བཅོས་ཚུལ་དེ་ཡིན།

ང  བུ་ལྟར་གསོ་བའི་དུས་ཀྱི་བཅོས་ཚུལ་དེ་ཡིན།

ཅ  གཉེན་ལྟར་བསྟེན་པའི་དུས་ཀྱི་བཅོས་ཚུལ་དེ་ཡིན།

༦༣  བད་རིམས་ནད་ཀྱི་ཐོག་མའི་བབས་ས་དེ་ནི།

ཀ  རུས་པ་ཡིན།

ཁ  རྩ་ཡིན།

ག  དང་ག་ཡིན།

ང  ཁྲག་ཡིན།

ཅ  མཁལ་མ་ཡིན།

༦༤  ཁ་ནད་ལ་དབྱེ་བའི་རྣམ་གྲངས་ནི།

ཀ  ལྔ་ཡིན།

ཁ  དྲུག་ཡིན།

ག  བདུན་ཡིན།

ང  བརྒྱད་ཡིན།

ཅ  སུམ་ཅུ་ཡིན།

༦༥  གཤམ་གསལ་དྲིས་ལན་ཁག་ལས་མགོ་ནད་གཙོ་བོའི་དབྱེ་བའི་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ གྲང་རླུང་ཅན་གྱི་མི་དེ་ཡིན།

ཁ  བད་མཁྲིས་ཅན་གྱི་མི་དེ་ཡིན།

ག  མ་གོམས་པའི་ཟས་དེ་ཡིན།

ང  མི་འཕྲོད་པའི་ཟས་དེ་ཡིན།

ཅ  ངོ་བོས་མི་འཇུ་བ་དེ་ཡིན།

༦༦  མ་ཞུ་བའི་རྐྱེན་གྱི་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ  གྲང་རླུང་ཅན་གྱི་མི་དེ་ཡིན།

ཁ  བད་མཁྲིས་ཅན་གྱི་མི་དེ་ཡིན།

ག  མ་གོམས་པའི་ཟས་དེ་ཡིན།

ང  མི་འཕྲོད་པའི་ཟས་དེ་ཡིན།

ཅ  ངོ་བོས་མི་འཇུ་བ་དེ་ཡིན།

༦༧  རང་བཞིན་གྱིས་གསོ་དཀའ་བར་འགྱུར་བའི་རྨ་དེ་ནི།

ཀ  རུས་མཛེར་ཡིན།

ཁ  ཆུ་རྒྱུས་ཆད་པ་དེ་ཡིན།

ག  རྨར་ཆུ་སེར་རྒྱུས་པ་དེ་ཡིན།

ང  རྨ་སྐྲངས་པ་དེ་ཡིན།

ཅ  རྣག་ཏུ་ཞུགས་པ་དེ་ཡིན།

༦༨  ཚིལ་གནད་ལ་མཚོན་སོང་བའི་རྟགས་དེ་ནི།

ཀ  སྐྲངས་ཤིང་རྣག་པར་འགྱུར་བ་དེ་ཡིན།

ཁ  ཟུག་གཟེར་ཆེ་བ་དེ་ཡིན།

ག  ཚ་བ་སྐྱེས་ནས་འགུལ་མི་ནུས་པ་དེ་ཡིན།

ང  ཚིགས་ལ་རྣག་བྱེར་འགྲོ་བ་དེ་ཡིན།

ཅ  ལྡོག་ཐབས་སུ་སྐྲངས་པར་འགྱུར་བ་དེ་ཡིན།

༦༩  རྒྱལ་མོའི་སྟེང་དུ་ཐབས་གཟེར་བཏབ་པ་འདྲ་བ་དཀྱིལ་ཀྱོང་གིས་གསོད་དཀའ་བའི་མིག་ནད་དེ་གང་ཡིན་ནམ།

ཀ  མིག་ནད་སྐམ་ཚག་ཡིན།

ཁ  མིག་ནད་གཤེར་ཚག་ཡིན།

ག  མིག་ནད་ཤ་མཛེར་ཡིན།

ང  མིག་ནད་ལིང་ཐོག་ཡིན།

ཅ  མིག་ནད་ཤ་ལྷག་ཡིན།

༧༠  བད་ཀན་རང་རྒྱུད་ཅན་རྐྱང་བའི་ནད་དེ་ནི།

ཀ  བད་ཀན་ལྷེན་ནད་དེ་ཡིན།

ཁ  བད་ཀན་མེ་ཉམས་དེ་ཡིན།

ག  བད་ཀན་སྐྱ་བོ་དེ་ཡིན།

ང  བད་ཀན་ལྕགས་དྲེག་དེ་ཡིན།

ཅ  བད་ཀན་མགུལ་འགགས་དེ་ཡིན།

༧༡  བད་ཀན་ནད་ལ་གཉེན་པོ་སྨན་གྱིས་རྩ་བ་མ་ཐོན་ན་དཔྱད་ཀྱི་གཉེན་པོ་གང་བསྟེན་དགོས་སམ།

ཀ  དྲོད་དུགས་བྱ་དགོས་པ་ཡིན།

ཁ  གང་ཉེའི་ལམ་ནས་སྦྱང་དགོས་པ་ཡིན།

ག  ལུམས་བྱ་དགོས་པ་ཡིན།

ང  བྱུག་པ་བྱ་དགོས་པ་ཡིན།

ཅ  མེ་བཙའ་འཇོག་དགོས་པ་ཡིན

༧༢  སྨུག་པོའི་ནད་གྲང་རྐྱེན་མས་ཆགས་ཞེས་པ་དེ་གང་ཡིན་ནམ།

ཀ  ཕོ་བར་མ་ཞུ་བེ་སྣབས་འཕེལ་བ་དེ་ཡིན།

ཁ  མཆིན་པར་ཁྲག་ངན་རྒྱས་པ་ཡིན།

ག  ཕོ་བའི་མེ་དྲོད་ཉམས་པ་ཡིན།

ང  ཕོ་རབ་མཆིན་ཁྲག་ལྷུང་བ་ཡིན།

ཅ  གོང་གསལ་དེ་དག་བཞི་ཀ་མིན།

༧༣  སྨུག་པོའི་རང་གནས་བཞི་ལས་མཆིན་པར་གནས་པའི་ཚེ།

ཀ  རླུང་གི་ནད་དང་འདྲ་བ་ཡིན།

ཁ  མཁྲིས་པའི་ནད་དང་འདྲ་བ་ཡིན།

ག  བད་ཀན་ནད་དང་འདྲ་བ་ཡིན།

ང  ཁྲག་གི་ནད་དང་འདྲ་བ་ཡིན།

ཅ  ཆུ་སེར་གྱི་ནད་དང་འདྲ་བ་ཡིན།

༧༤  སྨུག་པོའི་ནད་ཀྱི་གཉེན་པོ་གངས་ཐིགས་བཅུ་དྲུག་གི་སྦྱོར་བ་དེ་ནི།

ཀ  སྨུག་པོ་ཚ་བའི་དུས་ཀྱི་གཉེན་པོ་ཡིན།

ཁ  སྨུག་པོ་གྲང་བའི་དུས་ཀྱི་གཉེན་པོ་ཡིན།

ག  སྨུག་པོ་ཚ་གྲང་འཐབ་པའི་གཉེན་པོ་ཡིན།

ང  སྨུག་པོ་གབ་འགྱིངས་ཀྱི་གཉེན་པོ་ཡིན།

ཅ  སྨུག་པོ་ཐུར་རལ་གྱི་གཉེན་པོ་ཡིན།

༧༥  ངན་ཁྲག་རྒྱས་པའི་པའི་ནད་ལ་དཔྱད་བཅོས་གཙོ་བོ་དེ་ནི།

ཀ  གཏར་ག་ཡིན།

ཁ  མེ་བཙའ་ཡིན།

ག  ཐུར་མ་ཡིན།

ང  དུགས་ཡིན།

ཅ  བྱུག་པ་ཡིན།

༧༦  རྨ་གསར་བའི་དུས་ཟས་སྐོམ་སྨྱུང་བར་བྱས་དགོས་དོན་གང་ཡིན་ནམ།

ཀ  ཆུ་སེར་མི་སྐྱེ་བའི་ཕྱིར་ཡིན།

ཁ  སྐྲངས་ཤིང་ཁྲག་ངན་མི་རྒྱས་པའི་ཕྱིར་ཡིན།

ག  སྐྲངས་པ་རྣག་ཏུ་མི་འགྲོ་བའི་ཕྱིར་ཡིན།

ང  ཉམས་སྟོབས་དམད་པའི་ཕྱིར་ཡིན།

ཅ  གོང་གསལ་དེ་དག་བཞི་ཀ་མིན།

༧༧  གཤམ་གསལ་དྲིས་ལན་ཁག་ལས་རུས་ཆག་གི་བཅོས་ཐབས་མ་ཡིན་པ་དེ་ནི།

ཀ  ཆིངས་ཀྱིས་བཅོས་པ་དེ་ཡིན།

ཁ  ཁོང་སྨན་གྱིས་བཅོས་པ་དེ་ཡིན།

ག  སྒྱོགས་ཀྱིས་བཅོས་པ་དེ་ཡིན།

ང  དེབ་ཀྱིས་བཅོས་པ་དེ་ཡིན།

ཅ  ལུམས་ཀྱིས་བཅོས་པ་དེ་ཡིན།

༧༨  འབམ་སྨན་ཨ་གར་སོ་ལྔའི་ནང་ནས་འཕྲི་དགོས་པའི་གཉན་སྨན་བཞིའི་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ  གུ་གུལ་ཡིན།

ཁ  གླ་རྩི་ཡིན།

ག  འཛིན་པ་ཡིན།

ང  ཀོ་བྱི་ལ་ཡིན།

ཅ  གཟེར་འཇོམས་ཡིན།

༧༩  ཡན་ལག་གི་རྨ་གསོའི་སྐབས་སུ་བསྟན་པའི་དེབ་བཅོས་ཀྱི་དབྱེ་བ་དྲུག་པོའི་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ  ཤོག་དེབ་ཡིན།

ཁ  ཕྱིང་དེབ་ཡིན།

ག  རྩྭ་དེབ་ཡིན།

ང  སྤུ་དེབ་ཡིན།

ཅ  སྦང་དེབ་ཡིན།

༨༠  ལྷུ་ཚིགས་གནས་སུ་ཚུད་པའི་མངོན་རྟགས་བཞི་པོའི་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ  བརྒྱུས་སྐབས་སྒྲ་འབྱུང་བ་དེ་ཡིན།

ཁ  བརྒྱུས་ནས་འབུར་པོ་ནུབ་པ་དེ་ཡིན།

ག  བརྐྱང་བསྐུམ་བཏུབ་པ་དེ་ཡིན།

ང  མཉམ་པར་གནས་པ་དེ་ཡིན།

ཅ  ཟུག་གཟེར་བྲི་བ་དེ་ཡིན།

༨༡ ཞ་སྒུར་ཤོ་རེ་སོགས་བྱིས་པའི་ལྷན་སྐྱེས་ནད་ཐམས་ཅན་གསོ་རུང་ངམ།

ཀ  སྤྱིར་གསོ་མི་རུང་བ་ཡིན།

ཁ  གཏན་ནས་གསོ་མི་རུང་བ་ཡིན།

ག  ལ་ལ་གསོ་རུང་བ་ཡིན།

ང  ལ་ལ་གསོ་མི་རུང་ཡིན།

ཅ  རྟེན་གྱི་དབང་གིས་གསོ་མི་རུང་བ་ཡིན།

༨༢  སྐྱེ་མཆེད་ཤིས་རྟགས་ལས་ངག་གི་དྲི་བའི་རྟགས་གཙོ་བོ་ནི།

ཀ  གན་རྐྱལ་དུ་སྐྱེ་བ་དེ་ཡིན།

ཁ  ངུ་སྐད་དུ་དྲག་ཏུ་སྒྲོག་པ་དེ་ཡིན།

ག  ནུ་མ་རབ་ཏུ་འཇིམ་པ་དེ་ཡིན།

ང  སྐྲ་མཚམས་མཐོ་བ་དེ་ཡིན།

ཅ  གོང་གསལ་དེ་བཞི་ཀ་མ་ཡིན།

༨༣  གཤམ་གསལ་ནད་རིགས་ཁག་ལས་ཁྲག་ཚབས་བཅུའི་ཁོངས་སུ་མ་གཏོགས་པའི་ནད་དེ་ནི།

ཀ  ནུ་ཚབས་ཡིན།

ཁ  འོ་ཚབས་ཡིན།

ག  རུས་ཚབས་ཡིན།

ང  མཁྲིས་ཚབས་ཡིན།

ཅ  རྒྱུ་ཚབས་ཡིན།

༨༤  གཤམ་གསལ་དྲིས་ལན་ཁག་ལས་ཚིགས་པ་དྲུག་པ་བསྲེག་དགོས་པའི་ནད་དེ་གང་ཡིན་ནམ།

ཀ  མགོ་བོའི་རླུང་ཚབས་ཡིན།

ཁ  རུས་པའི་རླུང་ཚབས་ཡིན།

ག  སྙིང་གི་རླུང་ཚབས་ཡིན།

ང  གློ་བའི་ཁྲག་ཚབས་ཡིན།

ཅ  གློ་བའི་རླུང་ཚབས་ཡིན།

༨༥  གཤམ་གསལ་དྲིས་ལན་ཁག་ལས་མཆིན་ནད་ཀྱི་དབྱེ་བའི་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ  ཧལ་སྐེམ་དེ་ཡིན།

ཁ  ཁྲག་སྦོས་དེ་ཡིན།

ག  གནད་མཆིན་རྩར་བྱེར་བ་དེ་ཡིན།

ང  ལྡེམ་བུ་དེ་ཡིན།

ཅ  ལེབ་བརྒན་དེ་ཡིན།

༨༦  མཁལ་འགྲམས་བྱེར་རྒྱས་ལྷུང་གསུམ་ལས་བྱེར་བའི་གནས་ནི།

ཀ  ནང་ལ་བྱེར་བ་ཡིན།

ཁ  ལུས་སྨད་ལ་བྱེར་བ་ཡིན།

ག  སྣོད་ལ་བྱེར་བ་ཡིན།

ང  ཕྱི་ལ་བྱེར་བ་ཡིན།

ཅ  ལུས་སྟོད་ལ་བྱེར་བ་ཡིན།

༨༧  གཤམ་གསལ་དྲིས་ལན་ཁག་ལས་རྒྱུ་མའི་ནད་རིགས་ཀྱི་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ  རྒྱུ་འཁྱིལ་ཡིན།

ཁ  རྒྱུ་རླུགས་ཡིན།

ག  རྒྱུ་འགྱིངས་ཡིན།

ང  རྒྱུ་འགགས་ཡིན།

ཅ  རྒྱུ་ཁྲོལ་ཡིན༎

༨༨  རྒྱུ་གཟེར་གྱི་ནད་གྱུར་ངོ་བོ་དེ་གང་ཞིག་ཡིན་ནམ།

ཀ  མཆིན་ཚད་ཐུར་དུ་བབས་པ་དེ་ཡིན།

ཁ  རྒྱུར་མར་རླུང་ཞུགས་པ་དེ་ཡིན།

ག  མེ་དྲོད་ཉམས་པ་ལས་འབྱུང་བ་དེ་ཡིན།

ང  མ་ཞུ་བས་རླུང་ལོག་པ་དེ་ཡིན།

ཅ  ཐུར་སེལ་རླུང་ལོག་པ་དེ་ཡིན།

༨༩  རྒྱུ་རྒན་ནད་ཀྱི་ཁྱད་པར་ནད་རྟགས་མ་ཡིན་པ་དེ་ནི།

ཀ  རྒྱུན་དུ་ལྟོ་བ་བཤལ་བ་དེ་ཡིན།

ཁ  བཤལ་དུས་ན་ཟུག་ཆུང་བ་དེ་ཡིན།

ག  བཤལ་མདོག་མ་ངེས་པ་དེ་ཡིན།

ང  ལུས་སྟོབས་ཞན་དུ་འགྲོ་བ་དེ་ཡིན།

ཅ  མེ་དྲོག་སྟོབས་ཆེ་བ་དེ་ཡིན།

༩༠ ནད་པ། ལོ༣༠ ལུས་ཀུན་ཟ་འཕྲུག་བྱེད་པ་དང་།པགས་མདོག་སྔོ་ནག་ཏུ་གྱུར་པ། སྐྲ་དང་སྨིན་མ་དབྱེ་བ། ཤེད་མེད་ཅིང་ཤ་སྐམ་པ།སེན་མོར་ནག་ཐིག་ཆགས་པ་སོགས་ཀྱི་ནད་རྟགས་ལ་གཞིགས་ན་དེ་ནི།

ཀ  གྲང་མཁྲིས་ཀྱི་ནད་ཡིན།

ཁ  མིག་སེར་གྱི་ནད་ཡིན།

ག  ཤ་སེར་གྱི་ནད་ཡིན།

ང  ཀྵ་ཡ་ནག་པོའི་ནད་ཡིན།

ཅ  མཁྲིས་ཚད་ཀྱི་ནད་ཡིན།

༩༡  ནད་པ། ལོ༣༠ བྲང་འབུར་བ། གཉའ་བ་བསྟུངས་པ།ལྟག་པ་དགྱེ་བ། ལྦུ་བ་སྐྱུག་པ། སྐད་མི་ཐོན་པ། མིག་ཧར་བ། གཡལ་ཡང་ཡང་འབྱུང་བ་།རྩིབ་ལོགས་གཡས་གཡོན་ཟུག་པ་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ  གཞོགས་གཅིག་གུག་པའི་ནད་ཡིན།

ཁ  རྩ་འཛིན་གྱི་ནད་ཡིན།

ག  ད་རྒན་གྱི་ནད་ཡིན།

ང  བརླ་རེངས་ཀྱི་ནད་ཡིན།

ཅ  བི་ཤ་ཙེ་ཡི་ནད་ཡིན།

༩༢  ནད་པ། ལོ༢༥ ཕོ་མཆིན་རི་རྒྱབ་ཕན་ཚུན་སྦྲགས་ནས་ན་བ།བྲང་ཚ་ལངས་ནས་ཆུ་སྐྱུར་རམ་དུད་ཁུ་ཅན་སྐྱུག་པ། དྲི་མ་སྨུག་ལ་ཤ་རིལ་འདྲ་བ་འབྱུང་བ།འགྲངས་ལྟོགས་གང་གི་ཚེ་ནའང་ན་བ། ཕོ་བའི་རྒྱུད་དུ་གནོན་ཟུག་ཡོད་པ།དྲི་ཆུ་སྨུག་ལ་དྲི་མ་དུགས་པ།རྩ་སྦོམ་ཁེངས་ཀན་རྩ་ཞར་བ་བཅས་ཀྱི་ནད་རྟགས་ལ་གཞིས་ན་དེ་ནི།

ཀ  ཕོ་རླུང་གི་ནད་ཡིན།

ཁ  ཕོ་ཚད་ཀྱི་ནད་ཡིན།

ག  མཆིན་མཁྲིས་ཀྱི་ནད་ཡིན།

ང  མ་ཞུ་བའི་ནད་ཡིན།

ཅ  བད་སྨུག་གི་ནད་ཡིན།

༩༣  ནད་པ། ལོ༢༠ གློ་སྙིང་མི་བདེ་བ།ལྕེ་མཆུ་སེན་མོའི་བཀྲག་ཤོར་བ། གདོང་སེར་བ། སྐེ་རྩ་སྤྲུག་ཅིང་བོལ་གོང་གཡོ་བ།རྩ་སྟོང་རྒྱུག་བྱེད་པ།ཆུ་དྭངས་ཤིང་ལྦུ་བ་ཆེ་བ་བཅས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ  སྨུག་པོ་རྒྱས་པའི་ནད་ཡིན།

ཁ  སྨུག་པོ་རྡོལ་བའི་ནད་ཡིན།

ག  སྨུག་པོ་ཁྲག་ལམ་ཆོད་པའི་ནད་ཡིན།

ང  སྨུག་པོ་ཁྲག་ལམ་མ་ཆོད་པའི་ནད་ཡིན།

ཅ  སྨུག་པོ་ངོ་ངོ་ཟད་པའི་ནད་ཡིན།

༩༤  ནད་པ། ལོ༤༥ རྐང་ལག་གི་སོར་རྩེ་དང་སེན་མོ།མཆུ་ཏོ། སོ་རྙིལ་སོགས་སྨུག་པོ་ཆགས་པ། མིག་སྤྲིན་དམར་བ། སྙིང་ཁམས་མི་བདེ་བ།མགོ་ན་བ། འཕར་རྩ་འབུར་ལ་འདྲིལ་བ། དྲི་ཆུར་དམར་མདངས་ཡོད་པ་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ནད་དེ་ནི།

ཀ  མཆིན་པའི་ནད་ཡིན།

ཁ  མཆེར་བའི་ནད་ཡིན།

ག  ངན་ཁྲག་རྒྱས་པའི་ནད་ཡིན།

ང  བད་ཁྲག་ནད་ཡིན།

ཅ  ཁྲག་རླུང་ནད་ཡིན།

༩༥  ནད་པ། ལོ༣༦མཁྲིས་པའི་རྒྱུད་དུ་ལྡང་དུབ་ཅན་གྱི་གཟེར་ཟུ་ཛ་དྲག་པོ་གཏོང་བ་དང་། སྐྱུག་མེར་ལངས་པ།ཁར་ཏིག་ཁ་བ། ཚ་དྲོད་རྒྱག་པ། མིག་སྤྲིན་སེར་པོ་ཆགས་པ།གཡས་སྟོད་ཀྱི་རྩིབ་གཞུའི་རྒྱུད་དུ་གནོན་ཟུག་ཡོད་པ།དྲི་ཆུའི་མདོག་སེར་ལ་སྤྲིས་མ་དུམ་བུར་ཆད་པ་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ  མཁྲིསཔ་རྩ་རྒྱུག་གི་ནད་ཡིན།

ཁ  བད་ཀན་སེར་པོའི་ནད་ཡིན།

ག  མཁྲིས་པའི་རྡོ་སྐྲན་གྱི་ནད་ཡིན།

ང  མཆིན་པའི་སྐྲན་ནད་ཡིན།

ཅ  མཁྲིས་པ་ཀྵ་ཡའི་ནད་ཡིན།

༩༦ ནད་པ། ལོ༣༠ དང་ག་འགགས་པ་དང་།སྒྲེག་པ་མང་དུ་འབྱུང་བ། ཤ་སྐམ་དུ་འགྲོ་བ། སྒྱིད་ལུགས་པ།སྙིང་ག་དང་རྩིབ་ལོགས་ན་བ་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ  མ་ཞུ་ཤིང་འདྲའི་ནད་ཡིན།

ཁ  མ་ཞུ་བསུད་ནད་ཀྱི་ནད་ཡིན།

ག  སྙིགས་མ་མ་ཞུའི་ནད་ཡིན།

ང  དྭངས་མ་མ་ཞུའི་ནད་ཡིན།

ཅ  མ་ཞུ་བེ་སྣབས་ཀྱི་ནད་ཡིན།

༩༧ ནད་པ། ལོ༣༨ཆང་རག་མང་པོ་འཐུང་པ་སོགས་ཀྱི་རྐྱེན་པས་ལུས་ཁམས་སུ་ཚ་བ་རྒྱག་པ་དང་།མིག་སྤྲིན་དམར་པོ་ཆགས་པ། སྙིང་གཡུགས་པ་དང་གཏུབ་སྙམ་བྱེད་པ། མཆུ་དང་སྣ་སྐམ་པ།བྲང་རྒྱབ་ཏུ་མེ་བཏང་བ་ལྟ་བུའི་ཚ་འུར་རྒྱག་པ། རྩ་རྒྱུད་དྲག་ཏུ་འཕར་བ།ཆ་མདོག་དམར་སེར་ཀུ་ཡ་མཐུག་པ། ལྕེ་གཞུང་ནག་པ། ཆུ་མདོག་དམར་སེར་ཀུ་ཡ་མཐུག་པ།ལྕེ་གཞུང་ནག་ལ་སྐམ་པ་བཅས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ  སྙིང་འཕྱོས་ནད་ཡིན།

ཁ  སྙིང་གཟེར་ནད་ཡིན།

ག  སྙིང་སྲིན་ནད་ཡིན།

ང  སྙིང་ཚད་ནད་ཡིན།

ཅ  སྙིང་ཆུའི་ནད་ཡིན།

༩༨ ནད་པ། ལོ༣༨ ན་ནས་ཟླ་བ་གསུམ་ཙམ་ཕྱིན་པ་དང་།གློ་ལུ་བ་དང་། དགོང་དྲོ་རྟག་ཏུ་ཚ་བ་རྒྱག་པ་དང་། མལ་སར་རྔུལ་གྲང་དོན་པ།སྐད་ཤུགས་ཆག་པ། དབུགས་སྣ་ཐུང་བ། ཤ་སྐམ་པ། ཟས་ཀྱི་དང་ག་ཞན་པ། བཞིན་མདངས་ཉམས་པ།སྨན་རིགས་ཀྱི་ཕན་སྐྱེད་ཆུང་བ། རྩ་རྒྱུད་ཕྲ་ལ་གྲིམས་པ།དྲི་ཆུའི་མདོག་དམར་སེར་ཀུ་ཡ་སྤྲིས་མ་མཐུག་པ་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི། ཀ ཁ གང ཅ

ཀ  དབུགས་མེ་བདེ་བའི་ནད་ཡིན།

ཁ  གློ་ནད་ཐེས་པོའི་ནད་ཡིན།

ག  གློ་གཅོང་གི་ནད་ཡིན།

ང  གློ་ནད་ཁྲ་རྒྱས་ཀྱི་ནད་ཡིན།

ཅ  གློ་ནད་བུང་ཚང་གི་ནད་ཡིན།

༩༩  ནད་པ། ལོ༢༥རྩིབ་ལོགས་གཡས་ངོས་སུ་ན་ལྷང་ལྷང་བྱེད་པ། ལུས་ཁམས་ལྕི་ལ་སྒྱིད་ལུག་པ།ཟས་ལ་དང་ག་མེད་པ། བཞིན་མདངས་ཉམས་པ། ལུས་ཤ་རིམ་གྱིས་སྐམ་པ། ནད་ཡུན་རིང་བ།འཕར་རྩའི་རྒྱུ་བ་ཕྲ་ལ་ཞན་པ། དྲི་ཆུའི་མདོག་དམར་སེར་དྭངས་བ་བཅས་ཀྱི་མངོན་ཚུལ་དེ་དག་ལ་གཞིགས་ན་དེ་ནི།

ཀ  མཆིན་ནད་དུག་ཐབས་ཡིན།

ཁ  མཆིན་ནད་ལྡེམ་བུ་ཡིན།

ག  མཆིན་གྲུམ་ནག་པོ་ཡིན།

ང  མཆིན་ནད་ཧལ་སྐེམ་ཡིན།

ཅ  མཆིན་ནད་གྲང་སྦོས་ཡིན།

༡༠༠  ནད་པ། ལོ༣༩བརྡབས་འགྲམས་རྐྱེན་གྱིས་གཞོགས་གཡོན་ངོས་ཀྱི་རྩིབ་ཐུང་ཐད་ན་ཟུག་གཏོང་བ་དང་།ཁོག་པ་སྦོས་བརྒྱང་བྱེད་པ། ལྕེའི་མདོག་སྔོ་ནག་ཆགས་པ། དབུགས་སྣ་ཐུང་བ།མཆུ་ཏོག་དང་གདོང་མདོག་སྨུག་པོ་ཆགས་པ། ལྷག་པར་ཆང་འཐུངས་པ་དང་དྲོས་ཚེ་ན་བ།རྩ་རྒྱུད་གྲིམས་ལ་དྲི་ཆུའི་མདོག་དམར་རམ་ལྗང་ཤས་ཡོད་པ་བཅས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ  མཆེར་ནད་ཁྲག་སྦོས་ཡིན།

ཁ  མཆེར་རླུང་གི་ནད་ཡིན།

ག  མཆེར་ཚད་ཀྱི་ནད་ཡིན།

ང  མཆེར་པ་དང་བད་ཀན་གྱི་ནད་ཡིན།

ཅ  མཆེར་རླུགས་ཀྱི་ནད་ཡིན།

༡༠༡  ནད་པ། ལོ༢༨གཞོགས་གཡས་ངོས་ཀྱི་རྐེད་ཚིགས་དང་དཔྱི་རུས་བརྒྱུད་བརླ་རྐང་དང་། སྒྱིད་ཁུང་།པུས་མོ་བཅས་ཀྱི་ཕྱིར་ཟུར་དུ་མདའ་བཏང་བ་ལྟར་ཐད་ཀར་གཟེར་ཟུག་ལངས་ནས་ཚ་འཁྱུག་རྒྱག་པ་དང་།སྦྲིད་བེམ་བྱེད་པ། སྐབས་སུ་རྐང་པ་བརྐྱང་བསྐུམ་མི་ཐུབ་པར་འདྲུད་འགྲོ་བ།གློ་དང་སྦྲིད་པ་འབྱུང་སྐབས་བཟོད་གླགས་མེད་པའི་ན་ཟུག་གཏོང་པ་བཅས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ  མཁལ་གྲུམ་གྱི་ནད་ཡིན།

ཁ  མཁལ་ནད་ད་རྒན་གྱི་ནད་ཡིན།

ག  མཁལ་ནད་འོར་ལྷུག་གི་ནད་ཡིན།

ང  མཁལ་རླུང་གི་ནད་ཡིན།

ཅ  མཁལ་འགྲམས་ཀྱི་ནད་ཡིན།

༡༠༢  ནད་པ། ལོ༦༠ གཟེར་བ་ངེས་མེད་དུ་འཕོ་བ།སྐོམ་དད་ཆེ་བ། དབུགས་རྒོད་ཅིང་སྣ་བུག་ཧར་བ། རླུང་གསང་བརྫིས་ན་ན་ཞིང་སྲན་མི་བཟོད་པ།བསིལ་གཏར་བསྟེན་གྱིན་ཚ་བ་སླར་འཕེལ་བ། རྩ་རྒྱུད་སྟོང་ལ་རྒྱུག་པ།ཆུ་མསོག་དམར་དྭངས་ལྦུ་བ་ཆེ་བ། ལྕེ་སྐམ་ཞིང་མདོག་དམར་བ་ཤིན་ཏུ་རྩུབ་པ་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ  གབ་ཚད་ཀྱི་ནད་ཡིན།

ཁ  འཁྲུགས་ཚད་ཀྱི་ནད་ཡིན།

ག  དུག་ཚད་ཀྱི་ནད་ཡིན།

ང  སྟོངས་ཚད་ཀྱི་ནད་ཡིན།

ཅ  རྙིངས་ཚད་ཀྱི་ནད་ཡིན།

༡༠༣  ཚ་བའི་བཅོས་ཚུལ་གྱི་ནང་ནས་དང་པོ་ཐང་གིས་ཚད་པའི་རླངས་པ་གསོད་པ་དང་།བར་དུ་བསིལ་སྦྱོར་གྱི་ཕྱེ་མས་ལོ་མ་བྲུབ་པ།ཐ་མ་སྦྱོང་སདང་དཔྱད་ཀྱི་རྩ་བ་བཅད་པ་ལྟ་བུའི་ཚུལ་དུ་བཅོས་པའི་བཅོས་ཚུལ་དེ་ནི།

ཀ  འགྲམས་ཚད་ཀྱི་བཅོས་ཚུལ་ཡིན།

ཁ  དུག་ཚད་ཀྱི་བཅོས་ཚུལ་ཡིན།

ག  རྒྱས་ཚད་ཀྱི་བཅོས་ཚུལ་ཡིན།

ང  རྙིངས་ཚད་ཀྱི་བཅོས་ཚུལ་ཡིན།

ཅ  རྙོགས་ཚད་ཀྱི་བཅོས་ཚུལ་ཡིན།

༡༠༤  ནད་པ། ལོ༢༦རྒྱུ་སྨད་དུ་གཟེར་ཟུག་ཛ་དྲག་པོ་གཏོང་བ་དང་། ཁྲག་དམར་བེ་སྣབས་ཅན་བཤལ་བ།བཤལ་ཐེངས་མང་ལ་བཤལ་ཁར་ན་ཟུག་གཏོང་བ། ཚ་བ་རྒྱས་པ།བཤལ་རྗེས་བདེ་སྙམ་བྱེད་པ་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ རྒྱུ་མར་ཚ་བ་ཞགས་པའི་ནད་ཡིན།

ཁ  ཕོ་བར་ཚ་བ་ཞུགས་པའི་ནད་ཡིན།

ག  ནག་པོ་སུམ་སྒྲིལ་གྱི་ནད་ཡིན།

ང  གཉན་རིམས་ཕོ་བར་བབས་པའི་ནད་ཡིན།

ཅ  གཉན་རིམས་རྒྱུ་གཟེར་གྱི་ནད་ཡིན།

༡༠༥  ནད་པ། ལོ༡༨མིག་སྤྲིན་དང་གདོང་མདོག་དཀར་སེར་ཆགས་པ་དང་། མགོ་བོ་གཟེར་བ།མཆིན་མཁྲིས་རྒྱུད་དུ་གཟེར་ཞིང་མནན་མི་བཟོད་པ། ཟས་ཀྱི་དང་ག་མེད་པ།ཆུ་མདོག་མར་ནག་འདྲ་བ། རྩ་སྟོང་ལ་རྒྱུག་པ་བཅས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་ནི།

ཀ  འཛུམ་བུ་ལྟག་དགྱེའི་ནད་ཡིན།

ཁ  མཁྲིས་པ་རྩར་རྒྱུག་གི་ནད་ཡིན།

ག  རྣ་རྩ་ཕུས་འདེབས་ཀྱི་ནད་ཡིན།

ང  གཉན་ནད་ངམ་རུའི་ནད་ཡིན།

ཅ  སིབ་བུའམ་བེག་གེའི་ནད་ཡིན།

༡༠༦  ནད་པ། ལོ༤༠མིག་གི་རྒྱལ་མོ་ཆེར་འདལ་ཞིང་རྫི་མ་ནང་དུ་ཟུག་འོང་བ་དང་།མིག་གི་མཆུ་འཕྱང་ཞིང་ཚ་ལ་སྐྲངས་པ་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ  རླུང་ལས་གྱུར་པའི་མིག་ཆུའི་ནད་ཡིན།

ཁ  མཁྲིས་པ་ལས་གྱུར་པའི་མིག་ཆུའི་ནད་ཡིན།

ག  བད་ཀན་ལས་གྱུར་པའི་མིག་ཆུའི་ནད་ཡིན།

ང  ཁྲག་ལས་གྱུར་པའི་མིག་ཆུའི་ནད་ཡིན།

ཅ  འདུས་ལས་གྱུར་པའི་མིག་ཆུའི་ནད་ཡིན།

༡༠༧  བྱིས་པ། ཟླ་བ༡༠ ཡང་ཡང་འཁྲུ་བ་དང་།འཁྲུ་བའི་མདོག་དུད་ཁུ་འདྲ་བ། དབུགས་ཐུང་བ།བཞིན་མདོག་སྣུམ་ལ་ཕྱི་ཚད་ཆེ་ཞིང་ཤེས་པ་འཐིབས་པ།རྩ་དང་མཚོགས་མའི་འཕར་སྒོ་དྲག་པ་སོགས་ཀྱི་ནད་རྟགས་དེ་རིགས་ལ་བཞིགས་ན་དེ་ནི།

ཀ  མ་ཞུ་བའི་འཁྲུ་ནད་ཡིན།

ཁ  རྒྱུ་གཟེར་གྱི་ནད་ཡིན།

ག  ཚ་འཁྲུའི་ནད་ཡིན།

ང  གྲང་འཁྲུའི་ནད་ཡིན།

ཅ   རྒྱུ་རྒན་གྱི་ནད་ཡིན།

༡༠༨  ནད་པ། བུད་མེད། ལོ༢༤ བྱིས་པ་བཙས་ནས་ཉིན་ཤས་སོང་རྗེས་ནུ་མའི་ཆ་ཤས་ཤིག་མཁྲེགས་པོ་ཆགས་ཏེ་ན་ཟུག་གཏོང་བ་ནས་རིམ་བཞིན་དམར་སྐྲངས་ཆགས་པ་དང་།གཟེར་ཟུག་ཛ་དྲག་པ། ཚ་བ་རྒྱས་པ། གྲང་ཤུམ་ལངས་པ།ནུ་མའི་བུ་ག་ནས་རྣག་ཆུ་འཛགས་པ་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ  འོ་ཚབས་ཀྱི་ནད་ཡིན།

ཁ  ནུ་ཚབས་ཀྱི་ནད་ཡིན།

ག  སྙིང་གི་རླུང་ཚབས་ཡིན།

ང  གློ་བའི་ཁྲག་ཚབས་ཡིན།

ཅ  སྙིང་གི་ཁྲག་ཚབས་ཡིན།

༡༠༩  ནད་པ། ལོ༢༧ མགོ་བོར་བརྡབ་སྐྱོན་བྱུང་སྟེ་དྲན་མེད་དུ་བརྒྱལ་བ་ལས་བསངས་རྗེས་གོམ་པ་འཁྱོར་བ་དང་།མགོ་བོ་ན་ཞིང་ཟི་འཁྱོམས་ལངས་པ། ཤེས་པ་འཆོལ་བ། སྐྱུགས་པ་ཤོར་བ།རྐང་ལག་སྦྲིད་པ་སོགས་ཀྱི་ནད་རྟགས་དེ་རིསག་ལ་གཞིགས་ན་དེ་ནི།

ཀ ཀླད་པའི་སྤྲི་བཙན་ཡིན།

ཁ  ཀླད་པའི་རྒྱ་བེར་པ་ཡིན།

ག  མགོ་བོའི་སྲུབས་ཞིག་པ་ཡིན།

ང  ཀླད་པའི་མཚོ་འཁྱོམ་པ་ཡིན།

ཅ  ཀླད་པའི་ཁྲག་རྩ་འགགས་པ་ཡིན།

༡༡༠  ནད་པ། ལོ༣༦ ལུས་ཤ་རྒྱགས་པ།  རྒྱུན་དུ་ཆང་རག་མང་པོ་འཐུང་པ།བཞིན་མདོག་སྨུག་ནག་ཡོད་པ།མིག་སྤྲིན་དམར་ལ་ལག་མཐིལ་དང་སེན་མོ་ལྕེ་བཅས་ཀྱི་མདོག་དམར་སྨུག་ཆགས་པ།རོ་སྟོད་འཚངས་ཤིང་གཟེར་བ། རྩ་འབུར་ལ་གྲིམས་པ།ཆུ་རྟགས་དམར་སྨུག་བཅས་ལ་དཔྱད་བཅོས་གཙོ་བོ་ནི།

ཀ  རླུང་གསང་ལ་མེ་བཙའ་གདབ་དགོས།

ཁ  གཏར་ག་རྒྱག་དགོས།

ག  བྱུག་པ་བྱ་དགོས།

ང  རླངས་ལུམས་བྱ་དགོས།

ཅ  བསྐུ་མཉེ་བྱ་དགོས།

༡༡༡  ནད་པ། ལོ༥༣ སེམས་མི་བདེ་བ།རོ་སྟོད་དང་སྙིང་ཁ་གཟེར་བ། མཚན་གཉིད་ཡེར་བ། དོན་མེད་དུ་ངུ་འདོད་པ། ཁོང་ཁྲོ་ཟ་བ།སྨན་ཡུན་རིང་ཟོས་ཡང་མ་ཕན་པ། རྩ་སྟོང་ལ་རྒྱུག་པ། ཆུ་མདོག་དཀར་སེར་ལྦུ་བ་ཆེ་བ།ལྕེ་ལ་འབྲུམ་པ་མང་བ་བཅས་ཀྱི་ནད་རྟགས་ལ་དཔྱད་བཅོས་གཙོ་བོ་ནི།

ཀ  སྙིང་གསང་རྣམས་ལ་མེ་བཙའ་རྒྱག་དགོས།

ཁ  ལོང་རྩ་གཏར་དགོས།

ག  སྣུམ་བྱུག་བྱ་དགོས།

ང  ཆུ་ཚན་རྒྱག་དགོས།

ཅ  རོ་སྟོད་ལ་མེ་བུམ་རྒྱག་དགོས།

༡༡༢  ནད་པ། ལོ༢༤ ཁྲག་ཤེད་ཆེ་བ། ལུས་སྟོབས་ཆེ་བ།རྒྱུན་དུ་ཤ་དམར་སོགས་འཚོ་ཆེ་བའི་ཟས་སྐོམ་ཁོ་ན་བསྟེན་པ། ཨ་རག་འཐུངས་ནས་ལོ་མང་སོང་བ།ད་ལྟ་རྐང་པ་དམར་སྨུག་ཆགས་པ། རྐང་ལག་གི་ཁྲག་རྩ་རྒྱས་པ། ལྕེ་མཆུ་དམར་སྨུག་ཆགས་པ། རྐང་པ་ན་ཞིང་ལྕི་བ།རྩ་འབུར་འདྲིལ། ཆུ་མདོག་དམར་སྨུག་བཅས་ལ་གཏར་དགོས་པའི་ཁྲག་རྩ་གཙོ་བོ་ནི།

ཀ  རྩེ་ཆུང་གཏར་དགོས།

ཁ  སྣོད་ཀ་གཏར་དགོས།

ག  རུ་ཐུང་གཏར་དགོས།

ང  ལོང་རྩ་གཏར་དགོས།

ཅ  མཚོགས་གསང་དབྱེ་དགོས།

༡༡༣  རླུང་རྐྱང་པས་མགོ་འཁོར་ཞིང་། སྐབས་རེ་ནག་ཐོམ་དང་ཟི་ཚོམ་བྱེད་པ།རྣ་བ་འུར་ལ་ཏིང་སྒྲ་གྲགས་པ་སོགས་ཀྱི་རླང་རྟགས་སྟོནཔ།

གཤམ་གྱི་དཔྱད་བཅོས་ལས་གང་ཞིག་འཚམ་ཤོས་ཡིན་ནམ།

ཀ  མཚོགས་གསང་གཏར་དགོས།

ཁ  མགོ་བོའི་སྡུད་སོ་གསུམ་ལ་མེ་བཙའ་གདབ་དགོས།

ག  དཀར་ནག་མཚམས་ལ་མེ་བཙའ་རྒྱག་དགོས།

ང  ཚིགས་པ་དྲུག་པར་མེ་བཙའ་རྒྱག་དགོས།

ཅ  ལྷེན་སྣར་མེ་བཙའ་རྒྱག་དགོས།

༡༡༤  ཐོག་མར་མཁྲིས་པའི་སློང་རྐྱེན་གྱིས་ན་བ།ནད་རྟགས་སུ་གཟེར་མི་འཕོ་བ། ཁ་ཁ་བ། སྐོམ་དད་ཆེ་བ། མིག་སྤྲིན་སེར་བའམ་དམར་བ།ལུས་ལ་ཚ་དྲོད་ཆེ་ཞིང་ཉོབ་པ།ཁྱད་པར་མགོ་བོ་དང་མིག་རུས་ལྷག་པར་ན་བར་གཏར་དགོས་པའི་ཁྲག་རྩ་དེ་ནི།

ཀ  དཔྲལ་རྩ་དང་རུ་ཐུང་།

ཁ  སྒང་རྩ།

ག  ལོང་རྩཞ

ང  བྱིན་གཞུག

ཅ  སྐྱོར་གོང་།

༡༡༥  ཁྲག་མཁྲིས་ཕོ་བར་ལྷུང་བ་དང་།སྨུག་པོ་ཁྲག་སྐྲན་འདྲིལ་བ་དང་། མེ་མཉམ་མ་ཞུ་གསར་རྙིང་སོགས།ཕོ་ནད་ཚ་གྲང་མཐའ་དག་སེལ། ཞེས་པའི་ཕན་ཡོན་དང་ལྡན་པའི་སྨན་སྦྱོར་དེ་ནི།

ཀ  རུ་རྟ་དྲུག་པ་ཡིན།

ཁ  སྨུག་པོ་གཡུ་རྒྱལ་ཡིན།

ག  གཡུ་དྲིལ་བཅུ་གསུམ་ཡིན།

ང  ཟླ་ཤེལ་བདེ་མྱུག་ཡིན།

ཅ  ཟླ་ཤེལ་ཆེན་མོ་ཡིན།

༡༡༦  ཚ་འཛག་གྲང་འཛག་འཐབ་པ་དང་།འགྲམས་ཁྲག་སྨད་དུ་ལྷུང་བ་དང་། གཅིན་ཁ་སྙིང་དང་འཆོར་བ་སོགས།མཁལ་མའི་འགྲམས་ལ་འདི་རང་ཟབ། ཞེས་པའི་ཕན་ཡོན་དང་ལྡན་པའི་སྨན་སྦྱོར་དེ་ནི།

ཀ  འབའ་སམ་ལྷ་ལུང་ཡིན།

ཁ  པད་རག་མདོག་ལྡན་ཡིན།

ག  སེ་འབྲུ་ཉི་དཀྱིལ་ཡིན།

ང  ས་རའི་ཁྱུང་ལྔ་ཡིན།

ཅ  ཆོས་ཉིད་དམར་པོ་ཡིན།

༡༡༧  ནད་པ། བུད་མེད། ལོ༢༦ཟླ་མཚན་མ་བབ་པར་ཟླ་གཅིག་ཙམ་སོང་བ། སྒྱིད་པ་སྐྱུར་ཞིང་ཚིག་པ་ཟ་བ་དང་མཆིལ་མ་མང་བ།དང་ག་མི་བདེ་བ། ཁ་ཟས་སྣ་ཚོགས་ཟ་འདོད་པ།སྟོང་སྐྱུགས་བྱེད་ཅིང་སྔར་ནད་གང་ཡོད་པ་དེ་ལྡང་བ་བཅས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ  མངལ་འཆི་བའི་ནད་ཡིན།

ཁ  ཟླ་མཚན་ཡོང་བའི་རྟགས་ཡིན།

ག  མངལ་འཁྲི་བའི་ནད་ཡིན།

ང  མངལ་ཤོར་བའི་ནད་ཡིན།

ཅ  མངལ་སྐྲན་གྱི་ནད་ཡིན།

༡༡༨  ནད་པའི་བྱིན་ཉར་མདེའུ་ཕོག་སྟེ་མང་དུ་སྐྲངས་ཤིང་མནན་ན་སྐད་ངན་ཤོར་བ་དང་།ཁྲག་མང་དོན་པ།སྣང་བར་ཚེར་མ་ཟུག་པ་ལྟར་གྱི་ན་ཟུག་ཡོད་པའི་མངོན་རྟགས་ལ་གཞིགས་ན་དེ་ནི།

ཀ  རྩ་ཁ་ཤོར་བ་ཡིན།

ཁ  ཟུག་རྔུ་ལུས་པ་ཡིན།

ག  ཁྲག་ངན་འཁྱིལ་བ་ཡིན།

ང  ཆུ་སེར་རྒྱས་པ་ཡིན།

ཅ  ཉྭ་ཤ་བསྣད་པ་ཡིན།

༡༡༩  ནད་པ། ལོ༣༣ འགག་སྒྲེག་རྒྱག་པ་དང་།ཕོ་བ་སྦོས་པ། ཕོ་བའི་ཆ་ཐམས་ཅད་ཧྲེམ་མེར་ན་བ། དང་ག་མི་བདེ་བ། ཤ་སྐམ་པ།སྡོད་སྙིང་འདོད་པ།བེ་སྣབས་དང་མཉམ་དུ་ཁ་ཟས་ཟོས་ཚད་སྐྱུགས་པ་བཅས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་ནད་དེ་ནི།

ཀ  བད་ཀན་མགུལ་འགགས་ཀྱི་ནད་ཡིན།

ཁ  བད་ཀན་གྲུམ་དཀར་གྱི་ནད་ཡིན།

ག  བད་ཀན་ལྕགས་དྲེག་གི་ནད་ཡིན།

ང  བད་ཀན་མེ་མཉམ་གྱི་ནད་ཡིན།

ཅ  བད་ཀན་ལྷེན་གྱི་ནད་ཡིན།

༡༢༠  རླུང་མཁྲིས་གཉིས་ལྡན་གྱི་ནད་གཞིའི་ལྕ་རྟགས་ནི།

ཀ  སེརལ་སྐམ་ཁོག་ཅན་དེ་ཡིན།

ཁ  སྐྱ་གླེག་མདངས་མེད་དེ་ཡིན།

ག  སྐྱ་ལ་སྐམ་ཁོག་ཅན་དེ་ཡིན།

ང  དམར་ལ་སྐམ་རྩུབ་ཅན་དེ་ཡིན།

ཅ  སྐམ་ལ་ནག་ཤས་ཆེ་བ་དེ་ཡིན།

༡༢༡  བད་རླུང་གཉིས་ལྡན་གྱི་ནད་གཞིའི་ལྕེ་རྟགས་ནི།

ཀ  སེརལ་སྐམ་ཁོག་ཅན་དེ་ཡིན།

ཁ  སྐྱ་གླེག་མདངས་མེད་དེ་ཡིན།

ག  སྐྱ་ལ་སྐམ་ཁོག་ཅན་དེ་ཡིན།

ང  དམར་ལ་སྐམ་རྩུབ་ཅན་དེ་ཡིན།

ཅ  སྐམ་ལ་ནག་ཤས་ཆེ་བ་དེ་ཡིན།

༡༢༢  མཆིན་པའི་གབ་འཁྲུགས་ཀྱི་ལུད་པའི་རང་མདོག་ནི།

ཀ  སྐྱ་གསོབ་ཅན་དེ་ཡིན།

ཁ  དམར་མདངས་ཅན་དེ་ཡིན།

ག  དམར་སེར་ཅན་དེ་ཡིན།

ང  སྨུག་ནག་ཅན་དེ་ཡིན།

ཅ  སྲེ་འོ་ཅན་དེ་ཡིན།

༡༢༣  མཆེར་བའི་གབ་འཁྲུགས་ཀྱི་ལུད་པའི་རང་མདོག་ནི།

ཀ  སྐྱ་གསོབ་ཅན་དེ་ཡིན།

ཁ  དམར་མདངས་ཅན་དེ་ཡིན།

ག  དམར་སེར་ཅན་དེ་ཡིན།

ང  སྨུག་ནག་ཅན་དེ་ཡིན།

ཅ  སྲེ་འོ་ཅན་དེ་ཡིན།

༡༢༤  མཁྲིས་པ་རྩར་རྒྱུག་གི་ནད་དེ་དོན་ལྔའི་ནང་ནས།

ཀ  སྙིང་ལ་བབས་པ་ཡིན།

ཁ  རྒྱུར་མར་བབས་པ་ཡིན།

ག  མཁལ་མར་བབས་པ་ཡིན།

ང  མཆིན་པར་བབས་པ་ཡིན།

ཅ  མཁྲིས་པར་བབས་པ་ཡིན།

༡༢༥  མཁྲིས་པ་རྩར་རྒྱུུག་གི་ནད་དེ་སྣོད་དྲུག་གི་ནང་ནས།

ཀ  སྙིང་ལ་བབས་པ་ཡིན།

ཁ  རྒྱུར་མར་བབས་པ་ཡིན།

ག  མཁལ་མར་བབས་པ་ཡིན།

ང  མཆིན་པར་བབས་པ་ཡིན།

ཅ  མཁྲིས་པར་བབས་པ་ཡིན།

上一篇:没有资料
关闭